
ཉེ་ཆར་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ལ་འཇབ་རྒོལ་བྱས་ནས་མི་སྣ་ཤི་རྨས་བྱུང་བའི་ཐད་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ1པོའི་ཚེས9ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་ཅ་ཧྲའི་གནས་བབ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མི་སེར་ལ་གནོད་འཚེ་གཏོང་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཚང་མར་ངོ་རྒོལ་བྱེད་པ་དང་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་ཏན་ཏིག་བྱས་ནས། མི་ཆོས་ཀྱི་ཉམས་ཉེན་ནུས་ལྡན་སྒོས་ཞི་ལྷོད་དུ་གཏོང་བ་དང་ས་ཁུལ་གྱི་བརྟན་འཇགས་སྔ་མོ་ནས་སླར་གསོ་བྱེད་པར་རེ་བ་བྱེད་ཀྱི་ཡོད། འབྲེལ་ཡོད་ཕྱོགས་དང་ལྷག་པར་དུ་དབྱི་སི་རལ་གྱིས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས་གནས་བབ་ཇེ་སྡུག་དང་ཛ་དྲག་ཏུ་མི་འགྱུར་བར་བྱ་དགོས་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།