ཨུ་རུ་སུའི་གྲོས་མིར་གདན་ཞུ་འབྱོར་ནས་ཨ་རིར་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་པར་བསྐྱོད།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཚེས9ཉིན།  ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མ(གྲོས་ཁང་འོག་མ)ཡི་གྲོས་མིར་ཉེ་ཆར་ཨ་རིའི་ཕྱོགས་ཀྱི་གདན་ཞུ་འབྱོར་ཞིང་། མི4ཡིས་གདན་ཞུ་དང་ལེན་བྱས་ཏེ་ཝ་ཧྲིན་ཏོན་དུ་སོང་ནས་ཨ་རིའི་གྲོས་མི་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནད་དོན་སོགས་ཀྱི་ཐད་ནས་གྲོས་མོལ་བྱ་རྒྱུ་རེད།

གནས་ཚུལ་སྤེལ་བ་ལྟར་ན།  ཨ་རིའི་རྒྱལ་ཚོགས་ཀྱི་སྤྱི་མཐུན་ཏང་གི་ཁོངས་མི་ཨན་ན·པའོ་ལི་ན·ལུའུ་ན་ལ་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཨུ་རུ་སུའི་ཏུའུ་མའི་གྲོས་མི4ཨ་རིར་གདན་འདྲེན་ཞུས་ནས། ཨ་རིའི་གྲོས་ཁང་གི་གྲོས་མི་དང་ཐུག་འཕྲད་བྱ་རྒྱུའི་སྐོར་གྱི་ཆོག་མཆན་ཐོབ་པ་དང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི4ལ་ཨ་རིར་བསྐྱོད་པའི་ཆོག་མཆན་བཀོད་པའི་ལག་ཁྱེར་སྤྲོད་པར་ཡིད་འཐད་བྱས།   ཁོ་མོས་མི4ཟླ་འདིའི་ཟླ་མཇུག་ཏུ་ཝ་ཧྲིན་ཏོན་དུ་དངོས་སུ་གདན་འདྲེན་ཞུ་རྒྱུ་ཡིན་པ་དང་།    སྐབས་དེར་ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་དང་། ཨུ་རུ་སུ་དང་ཨ་རིའི་ཚོང་དོན་མདུན་ལམ། དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་བར་ཇི་ལྟར་ཤུགས་སྣོན་བྱེད་པའི་ཐད་ནས་གྲོས་བསྡུར་བྱ་རྩིས་ཡོད་པར་བཤད།

ཨུ་རུ་སུའི་ཏུའུ་མ་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཨེ་ལི་ཁེ་ཞེ·ཆེ་ཕ་ཡིས་བསྟན་དོན། མིག་སྔར་ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་དུས་ནམ་ཞིག་ལ་འཚོག་རྒྱུ་གཏན་འཁེལ་བྱས་མེད་ཅེས་བཤད།  ཁོས་གྲོས་མོལ་གྱི་དམིགས་འབེན་ནི་དཔལ་འབྱོར་དང་། འཇིགས་སྐུལ་རིང་ལུགས། བདེ་འཇགས་ཀྱི་གནད་དོན་དང་བཅས་པའི་ལོ་མང་རིང་ཐག་གཅོད་བྱེད་མ་ཐུབ་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་དེ་ཡིན་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།