སི་རི་ཡའི་དམག་དཔུང་གིས“སི་རི་ཡའི་དམངས་གཙོའི་སྟོབས་ཤུགས”ཨ་ལེ་ཕོ་གཡུལ་སར་གནས་གཏན་འཁེལ་གྱིས་རྡུང་རྡེག་བྱ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཚེས8ཉིན།སི་རི་ཡའི་བར་བརྒལ་སྲིད་གཞུང་གི་དམག་དཔུང་གིས་ཁུའུ་ཨར་ཏེ་དྲག་ཆས་ཀྱིས་གཙོ་ཁྲིད་བྱེད་པའི“སི་རི་ཡའི་དམངས་གཙོའི་སྟོབས་ཤུགས”ཨ་ལེ་ཕོ་གྲོང་ཁྱེར་དུ་ཡོད་པའི་གཡུལ་སར་གནས་གཏན་འཁེལ་གྱིས་རྡུང་རྡེག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།ཚེས7ཉིན་སི་རི་ཡའི་དམངས་དོན་འགོག་སྲུང་སྡེ་ཁག་གིས་ཨ་ལེ་ཕོ་གྲོང་ཁྱེར་གྱི་གདོང་ཐུག་ས་ཁུལ་ནས་མི་སེར3000ལྷག་ཙམ་ཁ་འགྲེམས་བྱས་ཡོད་ཅེས་བཤད།

སི་རི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་སི་རི་ཡའི་དམག་དཔུང་འགུལ་སྐྱོད་བཀོད་འདོམས་པུའུ་ཡི་གསལ་བསྒྲགས་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན།ས་གནས་དེའི་ཚེས8ཉིན་གྱི་དུས་ཚོད13དང་སྐར་མ30(པེ་ཅིང་གི་དུས་ཚོད18དང་སྐར་མ30)ནས་བཟུང་སི་རི་ཡའི་དམག་དཔུང་གིས་ཨ་ལེ་ཕོ་གྲོང་ཁྱེར་བྱང་རྒྱུད་ཀྱི་ཁྲོམ་གཞུང་གསུམ་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་ཡིན་པ་དང་། སྐབས་དེར་སི་རི་ཡའི་དམག་དཔུང་གིས་ས་ཁུལ་དེའི“སི་རི་ཡའི་དམངས་གཙོའི་སྟོབས་ཤུགས”ཀྱི་གཡུལ་སར་གནས་གཏན་འཁེལ་གྱིས་རྡུང་རྡེག་བྱ་རྒྱུ་རེད། གསལ་བསྒྲགས་ལས་མི་སེར་རྣམས་འབྲེལ་ཡོད་ས་གནས་དང་བར་ཐག་ཇེ་རིང་དུ་གཏོང་དགོས་པའི་སྐུལ་མ་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།