
ཚེས7ཉིན།ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཨ་རིའི《ཉིའུ་ཡའོ་སྐབས་དོན་ཚགས་པར》གྱི་བཅར་འདྲི་དང་ལེན་བྱེད་སྐབས།ཁོས་སྔོན་དཔག་བྱས་ན་ཨ་རིས་ལོ་མང་རིང་ཝེ་ནེ་ཙུའེ་ལ་ལ་“དོ་དམ”བྱེད་རྒྱུ་ཡིན་པ་དང་།དེའི་རྡོ་སྣུམ་གསོག་འཇོག་ཧ་ཅང་ཆེན་པོ་སྔོག་འདོན་བྱ་རྒྱུ་ཡིན་ཞེས་བཤད།
བཅར་འདྲི་བྱེད་སྐབས་ཐི་ལིང་ཕུའུ་ཡིས་ཨ་རི་ནི་ཝེ་ནེ་ཙུའེ་ལ་ཡི“ཆབ་སྲིད་ཚོད་འཛིན་བྱེད་མཁན”ཡིན་པའི་དུས་ཚོད་ཀྱི་ཁྱབ་ཁོངས་ཞིབ་ཕྲ་བཏོན་མེད། གསར་འགོད་པས་ཟླ་བ་གསུམ་དང་། ལོ་ཕྱེད།ལོ་གཅིགཡང་ན་དེ་ལས་རིང་བ་ཡིན་ནམ་ཞེས་འདྲི་སྐབས། ཁོས་ངས་བལྟས་ན་དུས་ཡུན་དེ་ལས་རིང་བ་རྒྱུན་མཐུད་བྱེད་སྲིད་ཅེས་ལན་བཏབ།
ཐི་ལིང་ཕུའུ་ཡིས་ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ང་ཚོས་དགོས་གལ་ཆེ་བར་ངོས་འཛིན་བྱེད་བཞིན་པའི་དངོས་པོ་ཚང་མ་ང་ཚོར་སྤྲོད་བཞིན་ཡོད།ཨ་རིས་ཁེ་བཟང་ཧ་ཅང་ཆེ་བའི་བྱེད་ཐབས་ཤིག་གིས་ཝེ་ནེ་ཙུའེ་ལ་བསྐྱར་སྐྲུན་བྱ་རྒྱུ་ཡིན།ང་ཚོས་རྡོ་སྣུམ་སྤྱོད་རྒྱུ་ཡིན་ལ་རྡོ་སྣུམ་སྔོག་འདོན་ཡང་བྱ་རྒྱུ་ཡིན། ང་ཚོས་སྣུམ་རིན་དམའ་རུ་གཏོང་བཞིན་ཡོད་པར་མ་ཟད། ཝེ་ནེ་ཙུའེ་ལར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་ཁོ་ཚོར་མ་དངུལ་དེ་དག་མྱུར་དུ་མཁོ་གལ་ཆེ་ཟེར།
ཐི་ལིང་ཕུའུ་ཡིས་ཝེ་ནེ་ཙུའེ་ལའི་བཀག་སྡོམ་ཐེབས་པའི་རྡོ་སྣུམ་ཐོབ་པ་བརྒྱུད་ཁོས་ཨ་རིར་དངུལ་རག་མགོ་ཚུགས་ཡོད་ཅེས་བཤད།བཅར་འདྲིའི་ཁྲོད་ཁོས་ཡང་བསྐྱར་དེ་སྔོན་ཁྱབ་བསྒྲགས་བྱས་པའི་ཝེ་ནེ་ཙུའེ་ལ་ཡིས་ཨ་རིར་བཀག་སྡོམ་ཐེབས་པའི་སྤུས་ཚད་མཐོ་བའི་རྡོ་སྣུམ་ཟོ་བ་བྱེ་བ་གསུམ་ནས་བྱེ་བ་ལྔ་བར་རྩིས་སྤྲོད་བྱེད་རྒྱུའི་སྐོར་གླེང་མོད། འོན་ཀྱང་བརྒྱུད་རིམ་དེའི་དུས་ཚོད་རེའུ་མིག་བཏོན་མེད་མོད།རྒྱལ་ཁབ་འདིས་སྣང་མེད་དུ་བཞག་པའི་རྡོ་སྣུམ་ལས་རིགས་བསྐྱར་དུ་བསྐྱར་གསོ་བྱེད་པར་ལོ་ཤས་ཀྱི་དུས་ཚོད་དགོས་པ་ཁས་ལེན་བྱས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།