
ཚེས8ཉིན་། ཝུའ་ཁི་ལན་གྱི་ཙུང་ལི་གཞོན་པ་ཁུའུ་ལེ་པ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།ཚེས7ཉིན་གྱི་དགོང་མོ་ནས་ཚེས8ཉིན་གྱི་ཐོ་རེངས་བར་དུ་ཨུ་རུ་སུའི་དམག་དཔུང་གིས་ཏི་ཉེ་པོ་ལུའོ་པི་ཏེ་ལུའོ་ཧྥུའུ་སི་ཁེ་མངའ་སྡེ་དང་ཀྲ་ཕོ་ལོ་རེ་མངའ་སྡེ་ལ་མཁའ་རྒོལ་བྱས་པ་དང་། ཚེས8ཉིན་གྱི་ཞོགས་པའི་བར་ཏི་ཉེ་པོ་ལུའོ་པི་ཏེ་ལུའོ་ཧྥུའུ་སི་ཁེ་མངའ་སྡེ་ཡི་གྲོང་མིའི་ཁྱིམ་ཚང་ས་ཡ་གཅིག་ལྷག་ཙམ་གྱི་དྲོད་རླངས་དང་ཆུ་ཆད་ཡོད་ཟེར།
ཁུའུ་ལེ་པ་ཡིས་ཝུའུ་ཁི་ལན་གྱི་རོགས་སྐྱོབ་མི་སྣས་ཏི་ཉེ་པོ་ལུའོ་པི་ཏེ་ལུའོ་ཧྥའུ་སི་ཁེ་མངའ་སྡེ་ཡི་དྲོད་རླངས་དང་ཆུ་ཧུར་ཐག་གིས་འདོན་སྤྲོད་སླར་གསོ་བྱེད་བཞིན་ཡོད་པ་དང་།མངའ་སྡེ་དེའི་རྨང་གཞིའི་སྒྲིག་ཆས་ཀྱིས་གྲ་སྒྲིག་གློག་ཁུངས་སྤྱད་དེ་གློག་འདོན་སྤྲོད་བྱེད་བཞིན་ཡོད་པར་བཤད། མཚན་གང་བོར་མྱུར་དུ་ཞིག་གསོ་བྱས་པ་བརྒྱུད། ཀྲ་པོ་ལོ་རེ་མངའ་སྡེ་ཡི་གློག་འདོན་སྤྲོད་སླར་གསོ་བྱས་པ་དང་དྲོད་རླངས་དང་ཆུ་འདོན་སྤྲོད་སླར་གསོ་བྱེད་བཞིན་པའི་སྒང་ཡིན་པར་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།