ཡོ་རོབ་ཀྱི་གྲོས་མི37གྱིས་ཡོ་རོབ་མནའ་འབྲེལ་གྱིས་ཨ་རིའི་ཝེ་ནེ་ཙུའེ་ལའི་དམག་དོན་འགུལ་སྐྱོད་ལ་རྒོལ་གཏམ་གཏོང་བར་སྐུལ་མ་བཏང་།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཉེ་ལམ།ཡོ་རོབ་གྲོས་ཁང་གི་གྲོས་མི37གྱིས་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པར་འཕྲིན་ཡིག་བཏང་ནས།ཡོ་རོབ་མནའ་འབྲེལ་གྱིས་ཨ་རིས་ཝེ་ནེ་ཙུའེ་ལར་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་གཏོང་དགོས་པའི་སྐུལ་མ་བཏང་།

ཚེས5ཉིན།དབྱི་ཐ་ལིའི་ཨན་ཧྲ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།ཡོ་རོབ་གྲོས་ཁང་གི་དབྱི་ཐ་ལིའི་གྲོས་མི་ཏ་ཉི་ལོ·ཏེ་ལ་ཝ་ལའེ་ཡིས་གསལ་བསྒྲགས་སྤེལ་ནས།ཡོ་རོབ་གྲོས་ཁང་གི་གྲོས་མི37གྱིས་མཉམ་འབྲེལ་གྱིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁ་ལ་སི་ལ་འཕྲིན་ཡིག་བཏང་ནས།ཡོ་རོབ་མནའ་འབྲེལ་ཕྱོགས་ལ་ཉེ་ལམ་ཨ་རིས་གྱི་ཝེ་ནེ་ཙུའེ་ལར་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་གཏོང་དགོས་པའི་བླང་བྱ་བཏོན་ཟེར།ཏེ་ལ་ཝ་ལའེ་ཡིས་འབྲེལ་ཡོད་འགུལ་སྐྱོད་དེ“རྒྱལ་སྤྱིའི་བཅའ་ཁྲིམས་དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་བཅས་དང་ཚབས་ཆེན་འགལ་ཡོད་པས་ས་ཁུལ་གྱི་བརྟན་འཇགས་ལ་སྔར་ལས་གཏོར་བརླགས་གཏོང་བ་དང་།ལ་ཏིང་མེ་གླིང་གི་གནས་བབ་དེ་ལས་ཀྱང་ཛ་དྲག་ཏུ་འགྱུར་སྲིད་པར་བསྟན། ཁོས་ཡོ་རོབ་མནའ་འབྲེལ་ནི་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་དར་སྤེལ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེའི་ཐད་ཀྱི་ལངས་ཕྱོགས་གསལ་པོ་ཡིན་དགོས་ཟེར།

མིག་སྔའི་བར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་མནའ་འབྲེལ་ཕྱི་ཕྱོགས་འགུལ་སྐྱོད་ཧྲུའུ་ཡིས་གོང་གསལ་གྱི་འཕྲིན་ཡིག་ལ་ཡོངས་བསྒྲགས་ཀྱི་ལན་བཏབ་མེད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 




ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།