
ཚེས7ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་གཉེར་མི་སྣའི་དོན་གཅོད་ཁྲུའུ་ཡིས་སྙན་ཞུ་ཁྱབ་སྒྲོག་བྱས་ནས།ལོ་མང་རིང་དབྱི་སི་རལ་གྱི་མཐོང་ཆུང་རང་བཞིན་གྱི་བཅའ་ཁྲིམས་དང་སྲིད་ཇུས། བྱེད་སྟངས་བཅས་ཀྱིས་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་ཕ་ལེ་སི་ཐན་པའི་རྒྱུན་ལྡན་འཚོ་བར“མ་ལག་རང་བཞིན་གྱི་དབུགས་འགག”བཟོས་ཡོད་ཅེས་བཤད། སྙན་ཞུའི་ནང་དབྱི་སི་རལ་གྱིས་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་ཕ་ལེ་སི་ཐན་གྱི“རིགས་རྒྱུད་ཁ་ཕྲལ་ལམ་ལུགས”མཇུག་བསྒྲིལ་དགོས་པའི་སྐུལ་མ་བཏང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་གཉེར་མི་སྣ་ཝོར་ཁེ·ཐུའུ་ཨེར་ཁེ་ཡིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར།དེ་ནི་རིགས་རྒྱུད་ལ་མཐོང་ཆུང་དང་ལོགས་འབྱེད་ཀྱི་རྣམ་པ་ཧ་ཅང་ཚབས་ཆེན་ཞིག་ཡིན་པ་དང་། ང་ཚོས་དེ་སྔོན་མཐོང་མྱོང་བའི་རིགས་རྒྱུད་དབྱེ་འབྱེད་ལམ་ལུགས་དང་འདྲ་བ་རེད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།