ཁོང་ཀོའི(པུའུ)ཕྱི་འབྲེལ་པུའུ་ཀྲང་གིས་ཁོང་ཀོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་བཞིན་ཡོད་པར་བསྟན།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཁོང་ཀོའི(པུའུ་)ཕྱི་འབྲེལ་དང་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་དང་ཕྱིར་སྡོད་རང་མིའི་པུའུ་ཀྲང་རང·ཁེ་ལུའོ་ཏེ·ཅ་ཁོ་སུའོ་ཡིས་བསྟན་དོན།ཉེ་ཆར་ཁོང་ཀོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ནས།ཀྲུང་གོ་ཕྱོགས་དང་མཉམ་དུ་ཁོང་ཀོ་དང་ཀྲུང་གོཨ་ཧྥེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཚེས5ཉིན།ཅ་ཁོ་སུའོ་ཡིས་པུའུ་ལ་ཁྲའེ་ཝེར་དུ་ཁོང་ཀོའི(པུའུ)ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཨན་ཆིང་དང་ཐུག་འཕྲད་བྱེད་སྐབས།ཀྲུང་གོ་ནི་ཁོང་ཀོའི(པུའུ་)མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། ཁོང་ཀོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས།བཙན་དབང་གི་བྱ་སྤྱོད་ཡོད་ཚད་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་པར་ཁོང་ཀོ་ཕྱོགས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་ཧུར་ཐག་གིས་ལག་བསྟར་བྱས་ནས།ཀྲུང་གོ་དང་མཉམ་དུ“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལོའི”བྱ་འགུལ་ཡག་པོར་བསྒྲུབ་ནས།ཁོང་ཀོ་དང་ཀྲུང་གོཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

ཨན་ཆིང་གིས་བསྟན་དོན།འདས་ཟིན་པའི་ལོ་གཅིག་གི་ནང་དུ་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།2026ལོ་ནི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལོ”ཡིན་པས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་སྲིད་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་མཉམ་དུ་རང་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བརྟན་པོ་བྱས་ཏེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་ལས་ལེགས་པའི་ཕན་པ་ཐོབ་ཏུ་འཇུག་འདོད་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།