
ཚེས7ཉིན།དབྱི་ལིང་སྐམ་དམག་གི་སྤྱི་ཁྱབ་དམག་དཔོན་ཧ་ཐཱ་སྨི་ཡིས་དབྱི་ལིང་གི་རྒྱལ་ས་ཐེ་ཧེ་རན་དུ་གཏམ་བཤད་སྤེལ་ནས།དབྱི་ལིང་གིས་དགྲ་བོས་འཇིགས་སྐུལ་གྱི་སྐད་ཆ་ཆེན་པོ་བཤད་པར་སྣང་མེད་དུ་འཇོག་མི་སྲིད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།ཉིན་དེར་ཧ་ཐཱ་སྨི་ཡིས་དབྱི་ལིང་དུ་བྱུང་བའི་རྒོལ་གཏམ་དེ་དུས་ཡུན་ཧ་ཅང་ཐུང་ངུའི་ནང་ཟིང་ཟིང་ཏུ་གྱུར་པ་དེ་ནི“དགྲ་བོའི་ཇུས་འགོད་བྱས་པའི་འབྲས་བུ་རེད”ཅེས་བཤད།
ཧ་ཐཱ་སྨི་ཡིས་ད་དུང་ད་ལྟ་དབྱི་ལིང་གི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་གྲ་སྒྲིག་གི་རྣམ་པ་དེ་ན་ནིང་ཟླ6པར་དབྱི་ལིང་དང་དབྱི་སི་རལ་གྱི་གདོང་ཐུག་མ་བྱུང་སྔོན་དང་བསྡུར་ན་ཆེས་ཆེར་མཐོ་རུ་ཕྱིན་ཡོད།གལ་ཏེ་ཁོ་ཚོས་ནོར་འཁྲུལ་བཟོས་ན། ང་ཚོས་སྔར་ལས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལན་འདེབས་རྒྱུ་ཡིན་པར་མ་ཟད།བཙན་འཛུལ་བྱེད་མཁན་གང་རུང་རྩ་མེད་དུ་གཏང་རྒྱུ་ཡིན་ཞེས་བཤད།
ཧ་ཐཱ་སྨི་ཡིས་ད་དུང་དབྱི་ལིང་ལ་དམིགས་པའི་བསམ་སྦྱོར་ངན་པ་ཅི་ཞིག་ཡིན་ཀྱང་ཡུན་རིང་བའི་མཇུག་འབྲས་འབྱུང་སྲིད། དབྱི་ལིང་གི་སྐམ་དམག་གིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་རང་བཙན་དང་མངའ་ཁོངས་ཆ་ཚང་། དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ལུགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་བསྒྲུབ་རྒྱུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།