ཡུལ་དངོས་སུ་ཝེ་ནེ་ཙུའེ་ལའི་མང་ཚོགས་ཀྱིས་ཆར་བ་ལ་མ་འཛེམ་པར་འདུ་འཛོམས་བྱས་ནས་ཨ་རིས་མ་ཏུའུ་ལུའོ་བཟའ་ཟླ་གཉིས་གློད་གྲོལ་གཏོང་དགོས་པའི་བླང་བྱ་བཏོན།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཚེས7ཉིན།ཝེ་ནེ་ཙུའེ་ལའི་མང་ཚོགས་སླར་ཡང་རྒྱལ་ས་ཅ་ལ་ཅ་སིའི་ཁྲོམ་གཞུང་དུ་བསྐྱོད་དེ།ཨ་རིས་ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་ཀྱི་བདག་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་།ཨ་རི་ཡིས་སྲིད་འཛིན་མ་ཏུའུ་ལུའོ་བཟའ་ཟླ་གཉིས་གློད་གྲོལ་གཏོང་དགོས་པའི་རེ་བ་བཏོན། ཉིན་དེར་ཆར་བ་ཆུང་ཆུང་བབས་ཀྱང་མང་ཚོགས་ཀྱིས་སྔར་བཞིན་སྦྱར་ཡིག་ལག་ཏུ་བཟུང་ནས་ཁྲོམ་གཞུང་དུ་འདུ་འཛོམས་བྱས།

འདུ་འཛོམས་བྱ་ཡུལ་དུ་ཝེ་ནེ་ཙུའེ་ལའི་ཁོ་ཧོ་ཏེ་སི་མངའ་སྡེ་ཡི་ཆབ་སྲིད་མགོ་ཁྲིད་པ་ཧའེ་ལོའོ་ཕ་ལ་ཡིས་ཨ་རིའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་ནས།ཨ་རི་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཚབས་ཆེན་འགལ་ཡོད་པར་ངོས་འཛིན་བྱས།ཐེངས་འདིའི་འདུ་འཛོམས་ནང་ཞུགས་ཡོད་པའི་མང་ཚོགས་ཧྥུའུ་ལང་ཞི་སི་ཁོ·ཨ་ཅི་ལ་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།ཁོ་ཚོས་ཨ་རི་བཙན་རྒྱལ་རིང་ལུགས་ལ་ཝེ་ནེ་ཙུའེ་ལའི་མང་ཚོགས་ཀྱིས་ཁྲིམས་མཐུན་ངང་འདེམས་བསྐོ་བྱས་པའི་སྲིད་འཛིན་ཕྱིར་སྤྲོད་བྱ་དགོས་པའི་རེ་བ་བཏོན་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།