
དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཨར་གྱིས་ཚེས11ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་འཇོག་དགོས་པའི་རེ་བ་བཏོན་པ་དང་། འཇར་མན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད་ཟེར།
སཱ་ཨར་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་ཉིན་དེར་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ནང་སྲིད་པུའུ་ཀྲང་ཏའོ་པུའུ་ལིན་ཐི་དང་གྲོས་མོལ་བྱེད་སྐབས་གོང་གི་རེ་བ་དེ་བཏོན་པ་ཡིན་ཟེར།
དབྱི་སི་རལ་དང་དབྱི་ལིང་རྒྱལ་ཁབ་གཉིས་དུས་ཡུན་རིང་བོར་དགྲར་འཛིན་གྱི་རྣམ་པར་གནས་པ་དང་། ན་ནིང་ཟླ6པར། ཕྱོགས་གཉིས་ཀྱིས་ཉིན12རིང་འཁྲུག་རྩོད་དྲག་པོ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།