
ཐེ་གོའི་དམག་ཕྱོགས་ཀྱིས་ཚེས11ཉིན་ཁྱབ་བསྒྲགས་བྱས་དོན། ཉེ་སྔོན་ནཱ་ལཱ་ཐིས་ཝ་མངའ་སྡེའི་ས་ཁུལ་མང་བོར་འགས་གཏོར་སོགས་དྲག་ཤུགས་དོན་རྐྱེན་བྱུང་བས། ཉིན་དེ་ནས་བཟུང་མངའ་སྡེ་དེ་ཡིས་མཚན་མགྲོན་འགོག་རྒྱུ་ཡིན་པ་དང་། སྡོད་དམངས་དག་དགོང་མོའི་དུས་ཚོད་དགུ་ནས་ཞོགས་པའི་དུས་ཚོད་ལྔའི་བར་རང་གི་སྡོད་གནས་དང་འབྲལ་བར་གཏན་འགོག་བྱས་ཡོད་ཟེར།
ཐེ་གོའི་དམག་ཕྱོགས་ཀྱིས་སྤྱི་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཐེ་གོ་དང་མཱ་ལེ་ཞི་ཡཱའི་མཐའ་མཚམས་རྒྱུ་ལམ་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་ལ་ཤུགས་སྣོན་པ་དང་ནཱ་ལཱ་ཐིས་ཝ་མངའ་སྡེ་ཡིས་མཚན་མགྲོན་འགོག་པ་སོགས་འདུས་ཡོད་པས། མང་ཚོགས་དག་གིས་གཞོགས་འདེགས་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།
ཐེ་གོའི་དམག་ཕྱོགས་ཀྱིས་ཚེས11ཉིན་གྱི་ཞོགས་པར་བཤད་རྒྱུར། ཐེ་གོའི་ལྷོ་ཕྱོགས་ཀྱི་མངའ་སྡེ་གསུམ་གྱི་ས་ཁུལ་མང་བོར་ཚེས10ཉིན་གྱི་དགོང་མོར་བསམ་བཞིན་དུ་མེར་བཏང་བ་དང་འགས་རྫས་འགས་གཏོར་བཏང་བའི་དོན་རྐྱེན་བྱུང་ནས། རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས་ཡོད་ལ། ཉེན་རྟོག་པ་གཅིག་ལ་རྨས་ཕོག་ཡོད། དེའི་ནང་ནཱ་ལཱ་ཐིས་ཝ་མངའ་སྡེ་རུ་སྣུམ་སྣོན་ས་ཚིགས་ལྔར་འཇབ་རྒོལ་ཐེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།