ཐི་ལིང་ཕུའུ་ཡི་ཁུ་པཱ་ཡིས་གང་མགྱོགས་སྒོས་ཨ་མེ་རི་ཁའི་བར་གྲོས་མཐུན་འགོད་དགོས་པའི་འཇིགས་སྐུལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས11ཉིན་ཡང་བསྐྱར་ཁུ་པཱ་ལ་གནོན་ཤུགས་བྱིན་ནས། གལ་ཏེ་ཁུ་པཱ་ཡིས་གང་མགྱོགས་སྒོས་གྲོས་མཐུན་མ་བཀོད་ན། རྡོ་སྣུམ་དང་མ་དངུལ་སོགས་གང་ཡིན་ཡང་ཁུ་པར་གཏོང་བར་གཏན་འགོག་བྱེད་རྒྱུའི་འཇིགས་སྐུལ་བྱས།

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ལོ་མང་བོའི་རིང་ལ། ཁུ་པཱ་ཡིས་ནམ་རྒྱུན་ཝེ་ནེ་ཙུའེ་ལཱ་ཡིས་འདོན་སྤྲོད་བྱས་པའི་རྡོ་སྣུམ་དང་མ་དངུལ་ལ་བརྟེན་ནས་འཚོ་བཞིན་ཡོད་ཅིང་། དེའི་ལན་དུ་ཁུ་པཱ་ཡིས་ཝེ་ནེ་ཙུའེ་ལཱར་བདེ་འཇགས་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་ཟེར། ཐི་ལིང་ཕུའུ་ཡིས་གསལ་སྒྲོག་ནང་འབྲེལ་བ་དེ་རིགས་ད་ལྟ་མཇུག་སྒྲིལ་ཡོད་པ་དང་། རྡོ་སྣུམ་དང་མ་དངུལ་སོགས་ཁུ་པར་གཏོང་མི་སྲིད་ཟེར།

ཐི་ལིང་ཕུའུ་ཡིས་ཁུ་པཱ་ཡིས་དུས་ཚོད་འགོར་འགྱངས་མ་བྱས་གོང་གྲོས་མཐུན་འགོད་དགོས་པའི་འཇིགས་སྐུལ་བྱས་ཀྱང་། ཁོས་ཁུ་པཱ་ཡིས་གྲོས་མཐུན་ཅི་ཞིག་འགོད་དགོས་པ་གསལ་བཤད་བྱས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།