དབྱི་སི་རལ་ཕྱོགས་ཀྱིས་དབྱི་ལིང་གི་གནས་བབ་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་སྲིད་གཞུང་གི་གྲོས་ཚོགས་ཤིག་གི་སྟེང་བསྟན་དོན། དབྱི་སི་རལ་གྱིས་དབྱི་ལིང་གི་གནས་བབ་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་ཕྱི་དྲོར་ཁོའི་མཐོ་རིམ་བློ་འདོན་པ་དང་པུའུ་ཀྲང་འགའ་བསྡུས་ནས་བདེ་འཇགས་གྲོས་གཞིར་གྲོས་མོལ་བྱས། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཚེས13ཉིན་ཚང་འཛོམས་གྲོས་ཚོགས་བསྡུ་རྒྱུ་གཏན་འཁེལ་བྱས་ཡོད།

ཨ་མེ་རི་ཁའི་སྨྱན་བྱད་མང་བོས་ཚེས10ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་དང་ཁ་པར་གྲོས་མོལ་བྱས་ཟེར། གནས་ཚུལ་ཤེས་མཁན་མང་བོས་སྨྱན་བྱད་ལ་བཤད་རྒྱུར། ལུའུ་པུས་ཨོ་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་དབྱི་ལིང་གི་གནས་བབ་དང་སི་རི་ཡཱའི་གནས་བབ། ཅཱ་ཧྲའི་ཞི་བདེའི་གྲོས་མཐུན་བཅས་ལ་གྲོས་བསྡུར་བྱས་པ་རེད་ཟེར།

གཞན་ཡང་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས11ཉིན་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་དབྱི་ལིང་ལ་ཆམ་ཕབ་བཏང་ན། དབྱི་ལིང་གིས་དབྱི་སི་རལ་དང་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་དམག་དོན་རྟེན་གཞི་དག་ཁྲིམས་མཐུན་གྱི་དམིགས་འབེན་དུ་བསམ་ནས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།