ཁུ་པཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་མཱ་ཏུའུ་ལོ་ཁྲིམས་འགལ་བཀག་འཇུག་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས11ཉིན་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་ཁྲིམས་འགལ་གྱིས་བཀག་འཇུག་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན།

ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཝེ་ནེ་ཙུའེ་ལཱ་ཡི་ཁྲིམས་མཐུན་སྲིད་འཛིན་མཱ་ཏུའུ་ལོ་དང་ཁོའི་ལྕམ་མོ་ཨ་མེ་རི་ཁས་ཁྲིམས་འགལ་བཀག་འཇུག་བྱས་ནས་ཉིན་བརྒྱད་འགོར་བ་དང་། ཁུ་པཱ་ཡིས་ཨ་མེ་རི་ཁའི་སྲིད་གཞུང་གིས་མྱུར་མོར་ཁྲིམས་འགལ་བཀག་འཇུག་བྱེད་མཚམས་བཞག་སྟེ། མཱ་ཏུའུ་ལོ་ཡི་ཁེ་དབང་ལ་བརྩི་འཇོག་བྱས་ནས་ཁྲིམས་འཛིན་དང་སྨྱན་བྱད་ཀྱི་སྨྱོ་སྤྱོད་དེ་མཚམས་འཇོག་དགོས་ལ། ཁོ་གཉིས་ཀྱི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་ལ་ཟོལ་མེད་ཀྱིས་འགན་སྲུང་བྱེད་དགོས་ཟེར།

ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་དྲང་བདེན་གྱི་རེ་འདོད་དེར་རྒྱབ་སྐྱོར་བྱས་ཤིང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་དང་མཱ་ཏུའུ་ལོ་བཟའ་ཟླ་གཉིས་ཀྱི་ཚེ་སྲོག་ཁེ་དབང་སོགས་གཞི་རྩའི་ཁེ་དབང་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།