དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་ཆམ་ཕབ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་ཆམ་ཕབ་བཏང་བ་དང་། དེའི་ནང་མཚོན་ཆ་གསོག་འཇོག་བྱེད་སའི་སྒྲིག་ཆས་མང་བོ་འདུས་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་སྒྲིག་ཆས་དེ་དག་བཀོལ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པས། དབྱི་སི་རལ་དམག་ཕྱོགས་ཀྱིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས་འཇིགས་ཉེན་མེད་པར་གཏོང་རྒྱུ་ཡིན་ཟེར།

ལེ་པཱ་ནུན་དམག་ཕྱོགས་ཀྱིས་ཚེས8ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་ཀྱིས་མཚོན་ཆར་གཅིག་གྱུར་ཚོད་འཛིན་དོ་དམ་བྱེད་པའི་འཆར་གཞིའི་དུས་རིམ་དང་པོའི་དམིགས་འབེན་ཡོངས་འགྲུབ་བྱས་ཡོད་ཟེར། ཉིན་དེར་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་སྲིད་གཞུང་དང་ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གི་མཚོན་ཆ་མེད་པར་གཏོང་བའི་ཐད་འབད་བརྩོན་བྱེད་བཞིན་ཡོད་ཀྱང་བྱ་བ་དེ་ཙམ་གྱིས་ད་རུང་གཏན་ནས་མི་འདང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།