ཕུའུ་ཐའོ་ཡཱའི་སྲིད་འཛིན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཕུའུ་ཐའོ་ཡཱའི་སྲིད་འཛིན་ཏི་སོ་སཱ་ཡིས་ཚེས12ཉིན་རྒྱལ་ས་ལི་སི་པིན་ནས་བསྟན་དོན། ཕུའུ་ཐའོ་ཡཱའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏི་སོ་སཱ་ཡིས་ཉིན་དེར་ཕུའུ་ཐའོ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་དབྱང་དབྱེ་རོས་ཀྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཏི་སོ་སཱ་ཡིས་དབྱང་དབྱེ་རོས་ཀྱིས་ལས་འགན་གསར་དུ་ཁུར་བར་དགའ་བསུ་བཞུས་པ་དང་། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་ཆེན་པོ་བྱས།

དབྱང་དབྱེ་རོས་ཀྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་འབྲེལ་བར་ལྟ་སྟངས་ཡག་པོ་བཟུང་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཏི་སོ་སཱ་རྣམ་གཉིས་ཀྱིས་བདེ་བླག་ངང་ཕན་ཚུན་ལ་འཚམས་འདྲི་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། མི་གཞུང་བརྗེ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཕན་བདེ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕུའུ་ཐའོ་ཡཱའི་བར་འབྲེལ་འདྲིས་དང་རོགས་ལས་བྱས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་འབྲེལ་བ་སྔར་ལས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

དབྱང་དབྱེ་རོས2025ལོའི་ཟླ12པའི་ཚེས321ཉིན་ལི་སི་པིན་དུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།