ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ལིང་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་ཚེས12ཉིན་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་གནས་ཚུལ་བསྒྲགས་པ་ལྟར་ན། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག ཆེས་མཐོའི་གཙོ་འཛིན་གྱི་བློ་འདོན་པ་ལཱ་ལི་ཅཱ་ནེ་ལ་ཁ་པར་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ལིང་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཧྲའོ་དབྱེ་ཀུའུ་ཡིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་རྩིས་བྱས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། དབྱི་ལིང་ཕྱོགས་ཀྱི་མི་སྣ་མང་བོར་ཤི་རྨས་ཐེབས་པར་མྱ་ངན་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།