དབྱི་ལིང་གིས་འཐབ་འཁྲུག་བྱེད་འདོད་མེད་ཀྱང་འཐབ་འཁྲུག་གི་གྲ་སྒྲིག་གང་ལེགས་བྱས་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས12ཉིན་རྒྱལ་ས་ཏི་ཧེ་ལན་ནས་སྤེལ་བའི་ཕྱི་རྒྱལ་གྱི་གཞུང་ཚབ་པའི་གྲོས་ཚོགས་སྟེང་བསྟན་དོན། དབྱི་ལིང་གིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཨ་མེ་རི་ཁའི་བར་གྲོ་སམོལ་བྱེད་རྩིས་ཡོད་ཀྱང་། དེའི་ཞོར་དུ་འཐབ་འཁྲུག་གི་གྲ་སྒྲིག་ཀྱང་གང་ལེགས་བྱས་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབྱི་ལིང་གིས་འཐབ་འཁྲུག་མི་འདོད་ཀྱང་། འཐབ་འཁྲུག་གི་གྲ་སྒྲིག་གང་ལེགས་བྱས་ཡོད། ང་ཚོས་གྲོས་མོལ་བྱེད་པར་ཡང་གྲ་སྒྲིག་བྱས་ཡོད་ཀྱང་། གྲོས་མོལ་དེ་དྲང་བདེན་དང་འདྲ་མཉམ་ཡིན་དགོས་པར་མ་ཟད་ཕན་ཚུན་བརྩི་འཇོག་བྱེད་པ་རྨང་གཞིར་བྱེད་དགོས་ཟེར།

ཁོས་ད་རུང་བསྟན་དོན། དབྱི་ལཞིང་གི་བདེ་འཇགས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་གནས་བབ་ལ་ཚོད་འཛིན་བྱས་ཡོད་པ་དང་། དབྱི་སི་རལ་དང་ཨ་མེ་རི་ཁས་དབྱི་ལིང་ནས་བྱུང་བའི་དོན་རྐྱེན་ལ་ཐད་ཀར་དུ་འགན་ཁུར་དགོས། དབྱི་ལིང་གིས་རྙེད་པའི་རྒྱུ་ཆ་མང་བོ་ལས་ཨ་མེ་རི་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་དབྱི་ལིང་རྒྱལ་ནང་གི་འཇིགས་སྐུལ་བྱ་འགུལ་ནང་ཞུགས་ཡོད་པ་བདེན་དཔང་བྱེད་ཐུབ་ཟེར།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁའི་བར་གྲོས་མོལ་རེ་བ་ཡོད་ལ། དབྱི་ལིང་གིས་གྲོས་མོལ་བྱེད་འདོད་ཡོད་ཀྱང་སློབ་གསོ་གཏོང་བར་ཉན་འདོད་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།