ཐེ་གོ་ཡིས་ལྷོ་ཕྱོགས་ཀྱི་ནཱ་ལཱ་ཐིས་ཝ་མངའ་སྡེའི་མཚན་མགྲོན་འགོག་པའི་བཀའ་རྒྱ་མེད་པར་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཐེ་གོའི་དམག་ཕྱོགས་ཀྱི་ཚེས12ཉིན་ཁྱབ་བསྒྲགས་བྱས་དོན། ཉིན་དེ་ནས་བཟུང་ལྷོ་ཕྱོགས་ཀྱི་ནཱ་ལཱ་ཐིས་ཝ་མངའ་སྡེ་རུ་ལག་བསྟར་བྱེད་པའི་མཚན་མགྲོན་འགོག་པའི་བཀའ་རྒྱ་མེད་པར་བཏང་བ་ཡིན་ཟེར།

ཐེ་གོའི་དམག་ཕྱོགས་ཀྱིས་སྤྱི་སྒྲོག་སྤེལ་ཏེ། ས་དེའི་བདེ་འཇགས་གནས་བབ་ལ་ཚོད་འཛིན་བྱས་ཡོད་སྟབས། མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་ཐད་ཀྱི་སྟབས་བདེ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དང་། ས་དེའི་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ནཱ་ལཱ་ཐིས་ཝ་མངའ་སྡེ་རུ་ལག་བསྟར་བྱེད་པའི་མཚན་མགྲོན་འགོག་པའི་བཀའ་རྒྱ་མེད་པར་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།