ཨོ་སི་ཁྲུ་ལི་ཡཱའི་གྲོས་ཁང་གིས་སྔ་སྣུར་གྱིས་གྲོས་ཚོགས་སླར་གསོ་བྱས་ནས་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་ཨར་པཱ་ནེ་སི་ཡིས་ཚེས12ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་གཟའ་འཁོར་རྗེས་མར་སྔ་སྣུར་གྱིས་གྲོས་ཚོགས་སླར་གསོ་བྱས་ཏེ། ཡིའུ་ཐེ་བར་ངོ་རྒོལ་བྱེད་པའི་རིང་ལུགས་དང་ཁོན་འཛིན། ཐལ་སྤྱོད་རིང་ལུགས་བཅས་ལ་ཆམ་ཕབ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་གསར་བར་གྲོས་ཞིབ་བྱེད་རྒྱུ་ཡིན་ཟེར།

ཨ་ཨར་པཱ་ནེ་སི་ཡིས་ཉིན་དེའི་ཕྱི་དྲོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱིས་ཟླ་འདིའི་ཚེས19ཉིན་དང་ཚེས20ཉིན་གྲོས་ཚོགས་སླར་གསོ་བྱེད་རྒྱུ་ཡིན་ལ། སྔོན་གཏན་འཁེལ་བྱས་པའི་ཟླ2པའི་ཚེས2ཉིན་གྲོས་ཚོགས་སླར་གསོ་བྱེད་རྒྱུར་ཐག་བཅད་པའི་དུས་ཚོད་ལས་ལྡབ་འགྱུར་གྱིས་སྔ་སྣུར་བྱས་ཡོད་ཟེར།

གྲོས་ཚོགས་ཀྱིས་གྲོས་ཞིབ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་དེར་བྱེད་ཐབས་རབ་དང་རིམ་པར་ཁེབས་ཡོད་དེ། ཁོན་འཛིན་ནག་ཉེས་ཀྱི་ཆད་གཅོད་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཐལ་སྤྱོད་ཅན་གྱི་ངན་སྐུལ་མཁན་ལ་ཉེས་དོན་ཉེས་མིང་ཚབས་ཆེན་འགེལ་བ། དེ་མིན་མེ་མདའ་ཕྱིར་བསྡུ་བྱེད་པའི་འཆར་གཞི་སོགས་འདུས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།