
ཁམ་ཕུ་ཀྲེའི་མཐའ་མཚམས་ལས་དོན་གྱི་རྒྱལ་སྲིད་དྲུང་ཡིག་ཁྲུའུ་ཡིས་ཚེས14ཉིན་གསར་འགྱུར་སྤེལ་ཏེ་བསྟན་དོན། ཐེ་གོ་ཡིས་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་རྗེས་སུ་སྣུར་དགོས་པའི་རེ་བ་བཏོན་ཡོད་ཟེར།
ཁམ་ཕུ་ཀྲེ་ཡིས་ཟླ་དང་པོའི་ཚེས5ཉིན་ཐེ་གོ་ལ་ཟླ་དང་པོའི་གཟའ་འཁོར་གཉིས་པའམ་ཡང་ན་གཟའ་འཁོར་གསུམ་པར་ཞན་ལི་ཞིང་ཆེན་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་བཏོན་ཡོད།
བསྒྲགས་པ་ལྟར་ན། ཐེ་གོ་ཕྱོགས་ཀྱི་རྒྱུ་མཚན་ནི་ནང་ཁུལ་གྱི་ལས་རིམ་ཡོངས་འགྲུབ་བྱས་ཏེ། ཟླ་གཉིས་པའི་ཟླ་མགོའི་ཐེ་གོའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་རྗེས་སུ་ནེ་ཀི་གསར་བ་རྩ་འཛུགས་བྱེད་པར་སྟབས་བདེ་བཟོ་རྒྱུ་མ་ཟད། མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གསར་དུ་བསྐོ་འཇོག་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།