སུའེ་ཏེན་གྱིས་ཏན་མག་གི་རེ་འདོད་ལྟར་ཀི་ལིན་ལན་གླིང་ཕྲན་དུ་དམག་དོན་མི་སྣ་མངག་གཏོང་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་གིས་ཚེས14ཉིན་བཤད་རྒྱུར། ཏན་མག་ཕྱོགས་ཀྱིས་རེ་བ་བཏོན་པ་ལྟར། སུའེ་ཏེན་གྱིས་ཀི་ལིན་ལན་གླིང་ཕྲན་དུ་དམག་དོན་མི་སྣ་མངག་གཏོང་བྱེད་རྒྱུ་ཡིན་ཟེར།

ཁི་ལི་སི་ཐི་སུང་གིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། སུའེ་ཏེན་གྱི་དམག་དཔོན་རེ་འགའ་ཚེས14ཉིན་ཀི་ལིན་ལན་གླིང་ཕྲན་དུ་འབྱོར་ཡོད། མནའ་འབྲེལ་རྒྱལ་ཁབ་མང་བོའི་མཉམ་འབྲེལ་ཚན་ཆུང་གི་ཁག་ཅིག་ཡིན་པའི་ཆ་ནས། དམག་དོན་མི་སྣ་དེ་དག་གིས་ཏན་མག་གི་ཆེད་དུ་གླིང་སྣེ་བྱང་མའི་བསྲན་ཤུགས་ཞེས་པའི་འགུལ་སྐྱོད་ལག་བསྟར་བྱེད་པར་གྲ་སྒྲིག་བྱེད་རྩིས་ཡོད་ཟེར།

སུའེ་ཏེན་དམག་ཕྱོགས་ཀྱིས་ཉིན་དེར་བཤད་རྒྱུར། སུའེ་ཏེན་ཕྱོགས་ཀྱི་མི་སྣ་ནི་ཐོག་དང་པོར་ཀི་ལིན་ལན་གླིང་ཕྲན་དུ་འབྱོར་བའི་དཔུང་སྡེའི་གྲས་ཡིན་པ་དང་། དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། གླིང་སྣེ་ས་ཁུལ་དུ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་། ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས་སུའེ་ཏེན་གྱིས་ས་དེ་ནས་ཧུར་ཐག་སྒོས་འགུལ་སྐྱོད་སྤེལ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།