
དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན་བདེན་དཔང་བྱས་དོན། དབྱི་ལིང་དུ་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་གནས་སྐབས་སུ་སྒོ་བརྒྱབ་ཡོད་ཟེར།
ཉིན་དེའི་སྔ་དྲོར། དབྱིན་ཇིའི་སྲིད་གཞུང་གི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། ཏི་ཧེ་ལན་དུ་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་དེ་གནས་སྐབས་སུ་སྒོ་བརྒྱབ་སྟེ། རྒྱང་བསྟེན་གཞུང་སྒྲུབ་བྱེད་བཞིན་ཡོད་ཟེར།
དེ་ལས་གཞན་དབྱིན་ཇིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱིན་ཇི་ཡིས་ཨ་མེ་རི་ཁས་ཁཱ་ཐར་དུ་བཙུགས་ཡོད་པའི་ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞི་ནས་དམག་དོན་མི་སྣ་ཕྱིར་འཐེན་བྱེད་མགོ་བརྩམས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།