
ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཚབ་མ་ལོ་ཏི་ལི་ཀི་སི་ཡིས་ཚེས14ཉིན་དྲ་ཚིགས་བརྒྱུད་དེ། ཁོ་མོས་ཉིན་དེར་ཨ་མེ་རི་ཁའི་སྲིད་འཛིན་ཐིང་ལིང་ཕུའུ་དང་མཉམ་དུ་དུས་ཡུན་རིང་ཞིང་ཕན་འབྲས་ལྡན་ལ། གུས་ལུགས་ཡོད་པའི་ཁ་པར་གྲོས་མོལ་བྱས་ཟེར།
ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་སྣང་ཚུལ་ཁྲོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པའི་ཕྱོགས་གཉིས་ཀྱི་བྱ་བའི་གྲོས་རིམ་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་འབྲེལ་བའི་ཁྲོད་ཐག་གཅོད་ཐོབ་མེད་པའི་གནད་དོན་ཐད་ནས་འབྲེལ་འདྲིས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།