
ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས14ཉིན་པཱ་ཞིའི་སྲིད་འཛིན་ལུའུ་ལཱ་དང་ཁ་པར་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་གཙོ་བོ་ཝེ་ནེ་ཙུའེ་ལཱའི་གནས་བབ་ཐད་ནས་གྲོས་བསྡུར་བྱས།
ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱི་ཝེ་ནེ་ཙུའེ་ལཱའི་བདག་དབང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ལངས་ཕྱོགས་གཅིག་འདྲ་ཡིན་ཟེར། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་ཀྱི་རྐྱེན་སྲོལ་སོགས་ཕྱོགས་མང་སྟེགས་བུའི་འོག་མུ་མཐུད་དུ་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ལཱ་ཏེན་མེ་གླིང་དང་ས་ཁུལ་གཞན་པའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་འཐད་པ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།