
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉེ་སྔོན་སོ་སོར་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིན་དང་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་གཉིས་དང་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་བསྡུར་བྱས།
བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་སུའུ་ཅེ་ཧྲིན་དང་ཁ་པར་གྲོས་མོལ་བྱེད་སྐབས་དབྱི་ལིང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་མཐུན་སྒྲིལ་ནན་བཤད་བྱས་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་དང་དཀྲུག་འཕེན་སྲིད་ཇུས་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་། སུའུ་ཅེ་ཧྲིན་གྱིས་དབུས་ཤར་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱ་གར་གྱིས་དབྱི་ལིང་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་པའི་ཚུལ་བསྟན།
ཨ་ལཱ་ཀི་ཆི་ཡིས་ཨ་པུའུ་ཏུའུ་ལེ་ཨ་ཐིས་དང་ཁ་པར་གྲོས་མོལ་བྱེད་སྐབས་ཇི་ལྟར་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་མཐུན་སྦྱོར་སྲུང་འཛིན་བྱས་ཏེ། ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ཐད་བྱས་རྗེས་འཇོག་པར་འཐད་པ་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།