ཡོ་རོབ་གླིང་མནའ་འབྲེལ་གྱི་མཁའ་འགྲུལ་བདེ་འཇགས་ཅུས་ཀྱིས་མཁའ་འགྲུལ་ཚོང་གཉེར་མཁན་དག་དབྱི་ལིང་གི་མཁའ་ཁོངས་ལ་གཡོལ་དགོས་པའི་གྲོས་གཞི་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཡོ་རོབ་གླིང་མནའ་འབྲེལ་གྱི་མཁའ་འགྲུལ་བདེ་འཇགས་ཅུས་ཀྱིས་ཚེས16ཉིན་འཁྲུག་རྩོད་བྱུང་སའི་ས་ཁུལ་གྱི་གནས་ཚུལ་སྤྱི་བསྒྲགས་སྤེལ་བ་དང་། མཁའ་འགྲུལ་ཚོང་གཉེར་མཁན་དག་གིས་དབྱི་ལིང་གི་མཁའ་ཁོངས་སུ་འཕུར་བའི་གནམ་གྲུ་ཚང་མ་གཏོང་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན།

སྤྱི་བསྒྲགས་ལས་བཤད་རྒྱུར། མིག་སྔའི་གནས་བབ་བསྟུད་མར་ཛ་དྲག་ཏུ་འགྲོ་བ་དང་ཨ་མེ་རི་ཁས་དམག་དོན་འགུལ་སྐྱོད་སྤེལ་སྲིད་པར་དམིགས་ནས། དབྱི་ལིང་གི་མཁའ་སྲུང་དམག་དཔུང་གིས་དོགས་ཟོན་མཐོར་འདེགས་བྱས་ཡོད། དབྱི་ལིང་གི་མཁའ་ཁོངས་སུ་དམངས་སྤྱོད་གནམ་གྲུ་དག་ནོར་འཆུག་འབྱུང་བའི་ཉེན་ཁ་ཇེ་ཆེར་སོང་ཡོད་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་དམག་དོན་ཐེ་གཏོགས་བྱེད་ན། དབྱི་ལིང་གིས་ཨ་མེ་རི་ཁའི་རྒྱུ་ནོར་ལ་དམིགས་པའི་འཁོན་ལན་སློག་པའི་འགུལ་སྐྱོད་མི་སྤེལ་བའི་ངེས་པ་མེད་ཟེར། སྤྱི་བསྒྲགས་ལས་མཁའ་འགྲུལ་ཚོང་གཉེར་མཁན་དག་གིས་དབྱི་ལིང་གི་ཉེ་འདབས་ཀྱི་མཁའ་ཁོངས་སུ་འཕུར་སྐྱོད་བྱེད་སྐབས་སེམས་ཆུང་བྱེད་དགོས་པ་དང་། ཁྱད་པར་དུ་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་ཡོད་སའི་ས་ཁུལ་དུ་འཕྲལ་བསྟུན་འཆར་གཞི་ལག་བསྟར་བྱས་ཏེ། ས་ཁུལ་དེ་དག་གི་མཁའ་ཁོངས་ཀྱི་གནས་ཚུལ་ལ་དོ་སྣང་ཞིབ་ཏུ་བྱེད་དགོས་པའི་གྲོས་གཞི་བཏོན།

སྤྱི་བསྒྲགས་ཀྱི་ནུས་ཡུན་དེ་གནས་སྐབས་སུ་ཟླ2པའི་ཚེས16ཉིན་བར་གཏན་འཁེལ་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།