
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས16ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཝུའུ་ཁི་ལན་གྱི་མཁའ་སྲུང་འཕུར་མདའི་མཛོད་ཁང་དུ་གསོག་ཚད་མང་བོ་མེད་པ་དང་མནའ་མཐུན་གྲོགས་པོའི་རོགས་སྐྱོར་ཤུགས་ཚད་ཞན་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་བྲེལ་མྱུར་མཁའ་སྲུང་མ་ལག་དང་བཀག་འགོག་འཕུར་མདའ་མཁོ་གལ་ཆེ་བ་དང་། མནའ་འབྲེལ་གྲོགས་པོ་དག་ལ་གནས་ཚུལ་དྲང་མོར་བཤད་ཡོད་ཀྱང་། མནའ་འབྲེལ་གྲོགས་པོ་དག་གིས་འདོན་སྤྲོད་ཀྱི་ཚད་ཞན། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་བྱ་བ་སྤེལ་ནས་མནའ་མཐུན་གྲོགས་པོ་དག་གིས་མཁོ་འདོན་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཟེར། ཁོས་ད་རུང་ཝུའུ་ཁི་ལན་གྱི་མང་ཚོགས་ཀྱིས་ངེས་པར་དུ་མཁའ་སྲུང་ཉེན་བརྡ་གཏོང་བར་མཐོང་ཆེན་བྱེད་དགོས་པའི་གསལ་འདེབས་བྱས།
ཉིན་དེར་ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་དང་པོའམ་ནུས་ཁུངས་པུའུ་ཀྲང་ཧྲི་མཱེ་ཅཱ་ཨར་གྱིས་དྲ་ཚིགས་བརྒྱུད་དེ། ཨུ་རུ་སིའི་དམག་དཔུང་གིས་བསྟུད་མར་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ལ་འཇབ་རྒོལ་བྱས་པས། ཝུའུ་ཁི་ལན་ནུས་ཁུངས་བྲེལ་མྱུར་གྱི་རྣམ་པར་གནས་ཡོད་ཅིང་། སྲིད་གཞུང་གིས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དང་ཁྱད་པར་དུ་རྒྱལ་ས་ཅི་ཧྥུའུ་ཡི་གློག་འདོན་དང་དྲོད་འདོན་གཏན་འཇགས་ཡོང་བར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།