ཕུའུ་ཅིན་གྱིས་དབྱི་སི་རལ་གྱི་མགོ་ཁྲིད་པ་དང་ཁ་པར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་སྲིད་འཛིན་དྲ་ཚིགས་ཀྱིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཕུའུ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་པ་དང་། དབུས་ཤར་ས་ཁུལ་དང་དབྱི་ལིང་གི་གནས་བབ་ཐད་ནས་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་དང་ཁ་པར་གྲོས་མོལ་བྱེད་སྐབས་ཕུའུ་ཅིན་གྱིས་ཨུ་རུ་སིའི་ཕྱོགས་ཀྱིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱེད་ཐབས་སྤྱད་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བའི་སྐོར་གྱི་གཞི་རྩའི་རྩ་དོན་རྒྱས་བཤད་བྱས། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་འདོད་ཡོད་ཟེར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མུ་མཐུད་དུ་རིམ་པ་མི་འདྲ་བའི་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུའི་གྲོས་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།