མའོ་སཱ་ཏི་ཅུས་ཀྲང་གིས་ཨ་མེ་རི་ར་འཚམས་འདྲི་བྱས་ནས་དབྱི་ལིང་གི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས16ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་གསང་འཕྲིན་དང་མའོ་སཱ་ཏི་སྟེ་དམིགས་བསལ་མཁོ་འདོན་ཅུས་ཀྱི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་ཨ་མེ་རི་ཁར་འབྱོར་ནས། ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་དབྱི་ལིང་གི་གནས་བབ་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། པཱ་ཨར་ནེ་ཡཱ་ཡིས་ཧྥོ་ལོ་ལི་ཏཱ་མངའ་སྡེའི་མེད་ཨ་མུས་གྲོང་ཁྱེར་ནས་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་གྲོས་མོལ་བྱེད་རྩིས་ཡོད་པ་དང་། ཚོད་དཔག་བྱས་ན་ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དང་འཕུར་མདའི་ནུས་པ། དབུས་ཤར་ས་ཁུལ་གྱི་ཚབ་བསྒྲུབ་མི་སྣ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།

ཧེ་ཐི་ཁི་ཧྥུའུ་ཡིས་ཉེ་སྔོན་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཐད་ཀར་གྲོས་མོལ་བྱེད་པར་འགན་ཁུར་བཞིན་ཡོད། ཁོས་ཚེས15ཉིན་བསྟན་དོན། ཐི་ལིང་ཕུའུ་སྲིད་གཞུང་གིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་བར་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་འདོད་ཡོད་ཟེར།

ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པ་སོགས་དབྱི་ལིང་གི་དབུས་ཤར་ས་ཁུལ་གྱི་ཚབ་བསྒྲུབ་པར་རློམ་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།