
པཱ་ཞིའི་སྲིད་འཛིན་ལུའུ་ལཱ་ཡིས་ཚེས16ཉིན་བསྟན་དོན། ལྷོ་ཕྱོགས་ཐུན་མོང་ཚོགས་པའི་ཚོང་རས་ཀྲུང་གོ་འདུས་པའི་དཔལ་འབྱོར་ཚོགས་པ་སྔར་ལས་མང་བོའི་བར་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
ལུའུ་ལཱ་ཡིས་ཉིན་དེར་ལི་ཡའོ་རི་ནེ་ལུའུ་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། 2023ལོར་ཡང་བསྐྱར་པཱ་ཞིའི་སྲིད་འཛིན་གྱི་འགན་ཁུར་བའི་ཚུན་ལ། ལྷོ་ཕྱོགས་ཐུན་མོང་ཚོང་རས་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་རང་དབང་ཉོ་ཚོང་མནའ་འབྲེལ། སིང་ག་ཕོར་བཅས་ཀྱི་བར་ཉོ་ཚོང་གྲོས་ཆོད་གལ་ཆེན་བཀོད་ཡོད་ཟེར།
ལུའུ་ལཱ་ཡིས་བསྟན་དོན། ལྷོ་ཕྱོགས་ཐུན་མོང་ཚོང་ར་ཡིས་མུ་མཐུད་དུ་སྔར་ལས་མང་བའི་ཚོར་རར་སྒོ་འབྱེད་བྱེད་རྒྱུ་མ་ཟད། འཛམ་གླིང་གི་ས་ཁུལ་སོ་སོའི་བར་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་དུ་འཛུགས་རྒྱུ་ཡིན་པ་དང་། ཁྱད་པར་དུ་ཁཱ་ནཱ་ཏཱ་དང་མའོ་ཞི་ཁོ། ཡའོ་ནན། འཇར་པན། ཀྲུང་གོ་བཅས་ཀྱི་བར་འབྲེལ་བ་འཛུགས་རྒྱུ་ཡིན་ཟེར།