
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས16ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཉེ་སྔོན་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་གསལ་སྒྲོག་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། གསལ་སྒྲོག་དེ་ནི་ཚད་གཞི་ཟུང་ལྡན་གྱི་དཔེ་གཞི་མངོན་གསལ་ཅིག་རེད་ཟེར།
དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། དབྱི་ལིང་གིས་རྩ་ཁྲིམས་གཞིར་བཟུང་སྟེ་ཞི་བདེའི་ངོ་རྒོལ་གྱི་ཁེ་དབང་འདུས་པའི་མི་དམངས་ཀྱི་གཞི་རྩའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཞོར་དུ་འགུལ་སྐྱོད་སྤེལ་ནས་སྤྱི་དམངས་ཀྱི་བདེ་འཇགས་དང་སྤྱི་བའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱས་ཏེ། ཕྱི་རྒྱལ་གྱི་འཇིགས་སྐུལ་དང་བཙན་འཛུལ་མི་ཐེབས་པར་སྔོན་འགོག་བྱེད་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། 2025ལོའི་ཟླ6པར། ཨ་མེ་རི་ཁ་དང་རྒྱལ་ཁབ་བདུན་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་བཙན་འཛུལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དབྱི་ལིང་གི་མི་བརྒྱ་ཕྲག་འགའ་དམར་གསོད་བཏང་བ་དབྱི་ལིང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད།
བསོད་ནམས་ཚེ་རིང་གིས་བསྒྱུར།