སོ་ཏི་ཨ་རབ་ཀྱིས་རྒྱབ་སྐྱོར་བྱེད་པའི་ཡེ་མིན་ལྷོ་ཕྱོགས་ཕྱོགས་ཁག་སོ་སོའི་འཐུས་མིས་གྲོས་མོལ་ནི་ཐོབ་དཀའ་བའི་གོ་སྐབས་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཡེ་མིན་གྱི་སྲིད་འཛིན་འགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མཱ་ཧི་ལཱ་མུས་ཀྱིས་ཚེས18ཉིན་བསྟན་དོན། སོ་ཏི་ཨ་རབ་ཀྱིས་རྒྱབ་སྐྱོར་བྱེད་པའི་ཡེ་མིན་ལྷོ་ཕྱོགས་ཀྱི་ཕྱོགས་ཁག་སོ་སོའི་འཐུས་མིས་གྲོས་མོལ་ནི་ཐོབ་དཀའ་བའི་གོ་སྐབས་ཡིན་པས། དེ་སྟོང་ཟད་དུ་གཏོང་མི་རུང་ལ་ལྷོ་ཕྱོགས་ནང་ཁུལ་དུ་རྩོད་གླེང་བཟོས་ནས་དེར་གཏོར་བརླག་གཏོང་མི་རུང་ཟེར།

མཱ་ཧི་ལཱ་མུས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་གྲོས་མོལ་གྱི་ལམ་ནས་ཞེས་པ་བརྗོད་སྙིང་ཡིན་པའི་གྲོས་མོལ་ཚོགས་འདུ་ཞིག་ལ་ཞུགས་པ་དང་། ཡེ་མིན་ལྷོ་ཕྱོགས་ལས་རིགས་སོ་སོའི་འགོ་ཁྲིད་པ་དང་ཚོ་ཁག་གི་ཚོ་དཔོན། མིང་གྲགས་ཅན་གྱི་མི་སྣ་སོགས་ཀྱི་འཐུས་མི་གྲོས་མོལ་ལ་ཞུགས་ཏེ། ཡེ་མིན་ལྷོ་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཇུས་གཞི་འཚོལ་ཞིབ་བྱས།

མཱ་ཧི་ལཱ་མུས་ཀྱིས་ཚོགས་ཐོག་ནས་གྲོས་ཚོགས་གསལ་སྒྲོག་སྒྲོག་འདོན་བྱས་ཏེ། སོ་ཏི་ཨ་རབ་ཀྱི་ལངས་ཕྱོགས་དེ་ཡེ་མིན་ལྷོ་ཕྱོགས་མི་དམངས་ཀྱི་ལུགས་མཐུན་རེ་འདོད་དང་ཡོངས་སུ་འཚམ་ལ། ང་ཚོས་མི་སྒེར་དང་ཕྱོགས་ཁག་གང་རུང་རྒྱང་དུ་བཀར་བའི་བསམ་འདུན་མེད་པ་གསལ་བོར་བསྟན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།