
འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས19ཉིན་བསྟན་དོན། ཡོ་རོབ་གླིང་གིས་ཡོངས་ཁྱབ་ཏུ་བལྟས་ན། ཨ་མེ་རི་ཁའི་སྒོ་ཁྲལ་ཁ་སྣོན་གྱི་འཇིགས་སྐུལ་ལས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བ་ཇེ་ཞན་དུ་བཏང་ནས། གནས་བབ་ཛ་དྲག་ཏུ་འགྱུར་བའི་ཉེན་ཁ་ཡོད་ཟེར།
མའོ་ཚི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྒོ་ཁྲལ་ཁ་སྣོན་བྱེད་པ་ལས་ཨ་མེ་རི་ཁའི་འཛད་སྤྱོད་པར་གནོད་པ་ཐེབས་སྲིད་ལ། སྒོ་ཁྲལ་ཁ་སྣོན་བྱས་ན་ཡོ་རོབ་གླིང་གི་དཔལ་འབྱོར་ལའང་ཤུགས་རྐྱེན་ཐེབས་ངེས་རེད། ཡོ་རོབ་གླིང་གིས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ནས་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད་ཟེར།
མའོ་ཚི་ཡིས་བཤད་རྒྱུར། འཇར་མན་གྱིས་ཏན་མག་དང་ཨ་མེ་རི་ཁས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གྲོས་མོལ་ལས་ཐོག་མཐའ་བར་གསུམ་དུ་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བའི་རྩ་དོན་རྨང་གཞིར་བྱེད་དགོས། ང་ཚོས་རྒྱལ་ཁབ་ཅིག་དང་སྐམ་ས་ཆེན་མོ་ཞིག་གི་གོ་གནས་ལ་སྲུང་སྐྱོབ་བྱེད་པར་རེ་བཞིན་ཡོད་ལ། དེ་ང་ཚོ་རང་ཉིད་ལ་རག་ལས་ཡོད། འཇར་མན་གྱིས་དངོས་ཡོད་དང་ལེན་བྱས་ཤིང་། འགན་འཁྲི་ཁུར་དུ་བླངས་ནས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།