སི་ཕན་གྱི་དབུ་བཞུགས་བློན་ཆེན་མྱུར་བགྲོད་ལྕགས་ལམ་དོན་རྐྱེན་ཁྲོད་ཀྱི་འདས་པོར་ཉིན་གསུམ་རིང་མྱ་ངན་ཞུ་རྒྱུ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་ཚེས19ཉིན་ཁྱབ་བསྒྲགས་བྱས་དོན། སི་ཕན་རྒྱལ་ཡོངས་ནས་ཁི་ཨར་ཏའོ་ཝ་ཞིང་ཆེན་གྱི་མྱུར་བགྲོད་ལྕགས་ལམ་དོན་རྐྱེན་ཁྲོད་ཀྱི་འདས་པོར་ཉིན་གསུམ་རིང་མྱ་ངན་ཞུ་རྒྱུ་ཡིན་ཟེར།

སིང་ཆེ་སི་ཡིས་ཉིན་དེའི་ཕྱི་དྲོར་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་ཁྱབ་བསྒྲགས་བྱས་དོན། ཚེས19ཉིན་གྱི་ནམ་གུང་ནས་བཟུང་ཚེས22ཉིན་གྱི་ནམ་གུང་བར་སི་ཕན་རྒྱལ་ཡོངས་ནས་ཉིན་གསུམ་རིང་མྱ་ངན་ཞུ་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། སྲིད་གཞུང་གིས་མངོན་གསལ་ཡོངས་བསྒྲགས་ཀྱི་ཐབས་ལ་བརྟེན་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་རྒྱུ་མ་ཟད། དེའི་རྗེས་སུ་འབྲེལ་ཡོད་ཀྱི་གནས་ཚུལ་མྱུར་མོར་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།

ཚེས18ཉིན་གྱི་དགོང་མོར། སི་ཕན་ལྷོ་ཕྱོགས་ཀྱི་ཨན་ཏཱ་ལུའུ་ཞི་ཡཱ་རང་སྐྱོང་ས་ཁུལ་གྱི་ཁི་ཨར་ཏའོ་ཝ་ཞིང་ཆེན་གྱི་ཨ་ཏཱ་མུའུ་སི་གྲོང་རྡལ་ཉེ་འདབས་སུ། མྱུར་བགྲོད་མེ་འཁོར་ཞིག་ལམ་ལྕགས་ལས་བརྒལ་ནས་ཁ་གཏད་ཀྱི་མྱུར་བགྲོད་མེ་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད། ས་དེའི་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཚེས19ཉིན་གྱི་ཉིན་གུང་བར། དོན་རྐྱེན་དེ་ལས་མི39རྐྱེན་ལམ་དུ་ཤོར་ཡོད་ཟེར།

སི་ཕན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མིག་སྔར་ད་རུང་མི43སྨན་ཁང་དུ་བསྡད་དེ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི12ཀྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར། སི་ཕན་གྱི་འགྲིམ་འགྲུལ་བློན་ཆེན་ཕུའུ་ཨིན་ཐི་ཡིས་བསྟན་དོན། འདས་པོའི་ཁ་གྲངས་མིག་སྔར་ད་རུང་གཏན་འཁེལ་གསལ་བོ་བྱས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།