
དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས་བཅུ་དགུ་ཉིན་རྒྱལ་ཡོངས་གཏམ་བཤད་སྤེལ་ནས་བསྟན་དོན། ཉོ་ཚོང་རྩོད་གླེང་ནི་ཕྱོགས་གཉི་ཀའི་ཁེ་ཕན་དང་མི་འཚམ་ལ། ཨ་མེ་རི་ཁས་མནའ་མཐུན་གྲོགས་པོར་སྒོ་ཁྲལ་གྱི་བྱེད་ཐབས་བཀོལ་པ་ནི་ནོར་འཁྲུལ་ཤ་སྟག་རེད་ཟེར།
སི་ཐཱ་མའོ་ཡིས་ད་རུང་བཤད་རྒྱུར། ཀི་ལིན་ལན་གླིང་ཕྲན་གྱི་མ་འོངས་བའི་གོ་གནས་ཇི་ལྟར་ཐག་གིས་གཅོད་རྒྱུ་ནི། ཀི་ལིན་ལན་གླིང་ཕྲན་གྱི་མི་དམངས་དང་ཏེན་མག་རྒྱལ་ཁབ་རང་གིས་ཐག་གཅོད་བྱེད་དགོས་པ་རེད། ད་ལྟའི་དུས་རིམ་ལ་གཙོ་བོ་ཉོ་ཚོང་རྩོད་གླེང་ཁྲོད་ཚུད་དུ་འཇུག་མི་རུང་། ཡོ་རོབ་གླིང་གིས་རང་སྲུང་གི་ལས་ཀ་དང་བདེ་འཇགས་ཀྱི་ཕྱོགས་ནས་སྒྲུབ་པ་སྔར་ལས་ཇེ་བཟང་དུ་གཏོང་དགོས་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།