
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལ་ཧྥུ་ལོ་ཧྥུ་ཡིས་ཚེས་ཉི་ཤུ་ཉིན་མོ་སི་ཁོའི་ལོ་ཧྲིལ་བོའི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ནུབ་ཕྱོགས་ནང་ཁུལ་གྱི་འཇིག་ཉེན་ཇེ་དྲག་ཏུ་འགྲོ་བཞིན་ཡོད། ཀི་ལིན་ལན་གླིང་ཕྲན་གྱི་གནད་དོན་ནི་དེའི་དཔེ་གསོན་པོ་ཞིག་ཡིན། ནུབ་ཕྱོགས་ཀྱིས་ཀི་ལིན་ལན་གླིང་ཕྲན་གྱི་མཐའ་སྐོར་ནས་རྩོད་གླེང་སྤེལ་པ་དང་། ནུབ་ཕྱོགས་ཀྱི་དམག་དོན་དང་ཆབ་སྲིད་ཀྱི་སྡེ་ཚོགས་གཅིག་གྱུར་བྱེད་པའི་བྱང་ཆིངས་རྩ་འཛུགས་མུ་མཐུད་དུ་གནས་ཐུབ་མིན་གྱི་མདུན་ལྗོངས་གནད་དོན་ཐད་རྩོད་གླེང་སྤེལ་བ་ནི་སྔོན་ཆད་བློ་ཡུལ་ལས་འགོངས་པ་ཞིག་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།