ཧཱ་མ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་གན་རྒྱ་དང་འགལ་བར་བཀག་འགོག་བྱེད་པའི་འབོད་སྐུལ་བཏང་།
ཁུངས། ཀློག་གྲངས།

ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་འགུལ་སྐྱོད་ཀྱི་ཧ་མ་སིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ནས། ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་བཞག་ནས་དུས་རིམ་དང་པོའི་གྲོས་མཐུན་ཕན་ཡོད་དུ་རྩིས་ནས་ཉིན་བརྒྱའི་ནང་ལ། དབྱི་སི་རལ་གྱིས་གྲོས་མཐུན་ལ་རྒོལ་བའི་གནས་ཚུལ་བྱུང་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་ཕན་ཡོད་ཀྱི་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་མྱུར་དུ་ཕྱོགས་ཡོངས་ནས་བྱ་སྤྱོད་དེའི་རིགས་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།   

གསལ་སྒྲོག་ལས་བཤད་རྒྱུར། དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་རྗེས་ཀྱི་ཉིན་བརྒྱའི་ནང་དུ། ཁྱོན་བསྡོམས་གན་རྒྱ་དང་འགལ་བའི་དོན་དག་ཆིག་སྟོང་ཉིས་བརྒྱ་གོ་བརྒྱད་བྱུང་། དེའི་ཁྲོད་མང་ཚོགས་ཀྱི་སྟེང་ལ་མེ་མདས་བརྒྱབ་པ་དང་། སྡོད་དམངས་ཁུལ་དུ་མཁའ་རྒོལ་དང་སྒྱོགས་རྒོལ་བྱས་པ་སོགས་འདུ། དབྱི་སི་རལ་གྱིས་འཇབ་རྒོལ་ཁྲོད་ཁྱོན་བསྡོམས་མི་བཞི་བརྒྱ་གྱ་གསུམ་བསད་པ་དང་། དེའི་ཁྲོད་བྱིས་པ་བརྒྱ་དང་རེ་དགུ་ཡོད་པར་བཤད།  

​སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།