པ་ཞིའི་སྲིད་འཛིན་གྱིས་ཐི་ལིང་ཕུའུ་ཡིས་འཛམ་གླིང་དབང་དུ་བསྡུ་བའི་བསམ་ངན་བཅངས་ཡོད་ཟེར།
ཁུངས། ཀློག་གྲངས།

པ་ཞིའི་སྲིད་འཛིན་ལུའུ་ལ་ཡིས་ཚེས་ཉི་ཤུ་ཉིན། པ་ཞིའི་ལིས་ཨོ་ཀི་ལན་ཀི་ཏི་ལྷོ་མ་མངའ་སྡེ་རུ་བྱ་འགུལ་ལ་ཞུགས་ནས། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ལ་སྐྱོན་བརྗོད་བྱས་ཏེ་ཁོས་འཛམ་གླིང་དབང་ལ་བསྡུ་འདོད་པའི་བསམ་ངན་བཅངས་ཡོད་ཅེས་བཤད།

ལུའུ་ལ་ཡིས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཉིན་རྒྱུན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་གཏམ་བཤད་སྤེལ་ཞིང་། འཛམ་གླིང་ཧྲིལ་བོས་ཁོའི་སྐད་ཆ་བསྐྱར་བཤད་བྱས་ཏེ། ཉིན་རྒྱུན་དེ་ལྟར་བྱེད་ཀྱིན་འདུག་ཟེར།

པ་ཞིའི་སྨྱན་སྦྱོར་གྱིས་བསྟན་དོན། ཐི་ལིང་ཕུའུ་ཡིས་ཉེ་ལམ་ལུའུ་ལ་དང་བཅས་པའི་རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་ཕ་ལི་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་རྗེས་ཀྱི་བར་བརྒལ་བཅོས་སྐྱོང་གི་ལྟ་སྐུལ་ལ་ཞུགས་པའི་ཞི་བདེ་ཨུ་ཡོན་ལྷན་ཚོགས་ཀྱི་ཁྲོད་དུ་ཞུགས་པར་གདན་ཞུ་བྱས་པ་རེད། པ་ཞི་སྲིད་གཞུང་གིས་དེར་ལན་བྱིན་མེད་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།