དབྱི་སི་རལ་གྱི་ཙིང་ལིས་ཞི་བདེ་ཨུ་ཡོན་ལྷན་ཚོགས་སུ་འབོད་པ་དེའི་ནང་ཞུགས་པ་ཡིན་ཞེས་བསྒྲགས།
ཁུངས། ཀློག་གྲངས།

དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་གདན་ཞུ་དང་ལེན་བྱས་ནས། ཕ་ལི་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་རྗེས་ཀྱི་བར་བརྒལ་བཅོས་སྐྱོང་ལ་ལྟ་སྐུལ་བྱེད་པའི་ཞི་བདེ་ཨུ་ཡོན་ལྷན་ཚོགས་ཁྲོད་ཞུགས་ཡོད་ཟེར།

ཨ་མེ་རི་ཁ་སྲིད་གཞུང་གིས་མིག་སྔར་ཞི་བདེ་ཨུ་ཡོན་ལྷན་ཚོགས་བཙུགས་པ་ཁྱབ་སྒྲོག་བྱས་པ་དང་། རྒྱལ་ཁབ་མང་པོ་གདན་ཞུ་བྱས། ཐི་ལིང་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར། ཞི་བདེ་ཨུ་ཡོན་ལྷན་ཚོགས་ཀྱིས་ཐོག་མར་ཅ་ཧྲའི་གནད་དོན་ཐག་གིས་གཅོད་རྒྱུ་ཡིན་ལ། དེའི་རྗེས་སུ་རིམ་གྱིས་འགལ་འདུ་གཞན་དག་ཐག་གཅོད་བྱ་རྒྱུ་ཡིན་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།