ཡོ་རོབ་མནའ་འབྲེལ་གྱིས་ཀི་ལིན་ལན་གླིང་ཕྲན་ལ་མ་དངུལ་གཏོང་རྒྱ་ཆེ་རུ་བསྐྱེད་རྒྱུ་ཡིན་པར་བསྟན།
ཁུངས། ཀློག་གྲངས།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས་ཉེར་གཅིག་ཉིན་ཧྥ་རིན་སིའི་སི་ཐི་ལ་སི་པའོ་རུ་བསྟན་དོན། ཡོ་རོབ་མནའ་འབྲེལ་གྱིས་གཞི་རྒྱ་ཆེ་བའི་སྒོ་ནས་ཀི་ལིན་ལན་གླིང་ཕྲན་ལ་དངུལ་ཚད་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།

ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཡོ་རོབ་གླིང་གྲོས་ཚོགས་སུ་གཏམ་བཤད་སྐབས་བསྟན་དོན། ཡོ་རོབ་མནའ་འབྲེལ་གྱིས་ཀི་ལིན་ལན་གླིང་ཕྲན་ལ་མ་དངུལ་མང་དུ་བཏང་ནས། ས་གནས་དེའི་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གཞན་ཡོ་རོབ་མནའ་འབྲེལ་གྱིས་ཨ་མེ་རི་ཁ་སོགས་ཟླ་གྲོགས་གཞན་དག་བར་གྱི་གླིང་སྣེ་བྱང་མའི་བདེ་འཇགས་ཐད་མཉམ་ལས་བྱ་རྒྱུ་ཡིན་ཟེར།

ཧྥུན་ཏི་ལའེ་ཨིན་གྱིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཡོ་རོབ་གླིང་གི་མནའ་གྲོགས་ལ་སྒོ་ཁྲལ་སྣོན་པའི་འཇིགས་སྐུལ་བ་དེ་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་རེད་ཟེར།

ཐི་ལིང་ཕུའུ་ཡིས་སྤྱི་འབྲེལ་སྨན་སྦྱོར་སྟེང་ཁྱབ་སྒྲོག་བྱས་ཏེ། ཟླ་གཉིས་པའི་ཚེས་གཅིག་ནས་བཟུང་། ཏེན་མག་དང་ནོར་ཝེ། ཧྥ་རན་སི། འཇར་མན། དབྱིན་ཇི། ཧྥིན་ལན། ཧི་ལན་སོགས་ལ་ཨ་རིའི་ཐོན་རྫས་སྐྱེལ་བར་བརྒྱ་ཆའི་བཅུའི་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཡིན་པ་དང་། སྒོ་ཁྲལ་གྱི་འཕར་སྣོན་གྱི་ཚད་དེ་ཟླ་དྲུག་པའི་ཚེས་གཅིག་ནས་བཟུང་བརྒྱ་ཆའི་ཉེར་ལྔ་ལ་འཕར་དུ་བཅུག་ནས། འབྲེལ་ཡོད་ཕྱོགས་སོ་སོ་ཨ་མེ་རི་ཁས་ཁྱོན་ཡོངས་དང་རྩ་བ་ནས་ཀི་ལིན་ལན་གླིང་ཕྲན་མངགས་ཉོ་བྱེད་པར་གྲོས་འཆམ་འབྱུང་བའི་བར་དུ་རྒྱུན་བསྲིང་རྒྱུ་ཡིན་པར་བཤད།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།