ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིས་ཡོ་རོབ་མནའ་འབྲེལ་གྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་ལ་འགོག་རྒོལ་བྱེད་པའི་སྟ་གོན་བྱས་ཟིན་ཟེར།
ཁུངས། ཀློག་གྲངས།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུ་སི་ཐ་ཡིས་ཚེས་ཉེར་གཅིག་ཉིན་ཧྥ་རན་སིའི་སི་ཐི་ལ་སི་པའོ་ནས་བསྟན་དོན། ཡོ་རོབ་གླིང་གིས་རྣམ་པ་གང་རུང་གི་འཇིགས་སྐུལ་ལ་བཀག་འགོག་བྱེད་པར་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་ཟེར།

ཁུ་སི་ཐ་ཡིས་ཉིན་དེར་ཡོ་རོབ་གླིང་གྲོས་ཚོགས་སུ་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ང་ཚོས་རང་ཉིད་དང་ཁོངས་གཏོགས་རྒྱལ་ཁབ། སྤྱི་དམངས་དང་ཁེ་ལས་སོགས་ལ་རྣམ་པ་གང་རུང་གི་འཇིགས་སྐུལ་མི་ཐེབས་པར་བྱེད་པར་སྔ་མོ་ནས་གྲ་སྒྲིག་བྱས་ཡོད། ཡོ་རོབ་མནའ་འབྲེལ་ལ་དེ་ལྟར་སྒྲུབ་པའི་དབང་ཆ་དང་ལག་ཆ་ཡོད་ཟེར།

ཉེ་ལམ། ནོར་ཝེ་དང་སུའུ་ཙེར། ཧྥ་རན་སི། དབྱིན་ཇི། ཧི་ལན། ཧྥུན་ལན་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་ཁག་གིས་ཀི་ལིན་ལན་གླིང་ཕྲན་ལ་དམག་མངགས་ནས། ཏེན་མག་གིས་གནས་དེར་སྤེལ་བཞིན་པའི་གླིང་སྣེ་བྱང་མའི་བཟོད་ཤུགས་ཞེས་པའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས་བཅུ་བདུན་ཉིན་སྤྱི་འབྲེལ་སྨན་སྦྱོར་སྟེང་ཁྱབ་སྒྲོག་བྱས་ཏེ། ཟླ་གཉིས་པའི་ཚེས་གཅིག་ནས་བཟུང་། གོང་གསལ་གྱི་རྒྱལ་ཁབ་བརྒྱད་ལ་ཨ་རིའི་ཐོན་རྫས་སྐྱེལ་བར་བརྒྱ་ཆའི་བཅུའི་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཡིན་པ་དང་། སྒོ་ཁྲལ་གྱི་འཕར་སྣོན་གྱི་ཚད་དེ་ཟླ་དྲུག་པའི་ཚེས་གཅིག་ནས་བཟུང་བརྒྱ་ཆའི་ཉེར་ལྔ་ལ་འཕར་དུ་བཅུག་ནས། འབྲེལ་ཡོད་ཕྱོགས་སོ་སོ་ཨ་མེ་རི་ཁས་ཁྱོན་ཡོངས་དང་རྩ་བ་ནས་ཀི་ལིན་ལན་གླིང་ཕྲན་མངགས་ཉོ་བྱེད་པར་གྲོས་འཆམ་འབྱུང་བའི་བར་དུ་རྒྱུན་བསྲིང་རྒྱུ་ཡིན་པར་བཤད། ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོས་དོན་དེར་རྒོལ་གཏམ་བཏང་ཞིང་། འགོག་རྒོལ་གྱི་བྱེད་ཐབས་སྤྱོད་སྲིད་པའི་ཚུལ་བསྟན།

​སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།