ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་གླིང་གིས་རང་བཙན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏང་དགོས་ཟེར།
ཁུངས། ཀློག་གྲངས།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས་ཉེར་གཅིག་ཉིན་བསྟན་དོན། འཛམ་གླིང་གི་འགྱུར་ལྡོག་མགྱོགས་པོ་ལ་ཁ་གཏད་ནས། ཡོ་རོབ་གླིང་གིས་རང་བཙན་གྱི་འཕེལ་རིམ་དེ་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

ཉིན་དེར་ཡོ་རོབ་གླིང་གྲོས་ཚོགས་སུ་གཏམ་བཤད་སྐབས་ཧྥུན་ཏི་ལའེ་ཨིན་གྱིས། ང་ཚོ་བཞི་མདོ་ཞིག་ཏུ་གནས་ཡོད། ཡོ་རོབ་གླིང་གིས་སྔར་ལས་གྲོས་མོལ་དང་ཐག་གཅོད་ཀྱི་ཇུས་གཞིའི་ཕྱོགས་སུ་ཁ་ཕྱོགས་དགོས་པ་དང་། གལ་ཏེ་དགོས་མཁོ་ཡོད་ཚེ། ང་ཚོས་བློ་སེམས་གཅིག་སྒྲིལ་དང་བློ་ཐག་རྦད་ཆོད་སྒོས་མྱུར་དུ་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱས་ཡོད་ཟེར།

ཧྥིན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། ཉིན་རེར་རྙོག་འཛིང་དུ་འགྱུར་བཞིན་པའི་འཛམ་གླིང་གི་མདུན་དུ། ཡོ་རོབ་གླིང་གིས་སྔར་ལས་རང་སྟེང་གི་དབང་ཆ་ཇེ་བཀན་དུ་གཏོང་དགོས་ལ། དེ་ལྟར་བྱེད་ན། དཔལ་འབྱོར་སྟོབས་ལྡན་ཞིག་དང་། ཆིག་རྐྱང་གི་ཁྲོམ་ར་དང་བཟོ་ལས་ཀྱི་རྨང་གཞི་དར་རྒྱས་ཆེ་བ་ཞིག་མཁོ་བ་མ་ཟད། གསར་སྐྲུན་དང་ལག་རྩལ་གྱི་ནུས་པ་སྟོབས་དང་ལྡན་པ་ཞིག་དགོས་པ་དང་། རང་སྲུང་གི་ནུས་པ་དྲག་པོ་ཞིག་དགོས་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།