
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས་ཉེར་གཅིག་ཉིན་སུའུ་ཙེར་གྱི་ཏ་ཝོ་སི་ནས་ཨ་མེ་རི་ཁའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་དོན་སྨྱན་ལམ་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གིས་ངེས་པར་དུ་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་མཚམས་འཇོག་དགོས། གལ་ཏེ་དབྱི་ལིང་གིས་ཉིང་རྡུལ་ཚོད་ལྟ་བྱེད་མཚམས་མི་འཇོག་ན། ཨ་མེ་རི་ཁས་འགུལ་སྐྱོད་སྤེལ་སྲིད་ཟེར།
ཨ་མེ་རི་ཁས་མཚོ་འགག་ས་ཁུལ་ལ་མཚོ་སྐྱོད་མ་གྲུའི་དམག་ཤུགས་ཁ་སྣོན་བྱེད་སྲིད་དམ་ཞེས་དྲིས་པ་ན། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ང་ཚོས་སྔར་ལས་ལྷག་པའི་འགུལ་སྐྱོད་སྤེལ་བའི་རེ་བ་མེད། དབྱི་ལིང་གིས་མུ་མཐུད་དུ་ཉིང་རྡུལ་ཚོད་ལྟ་བྱེད་ན། ནམ་ཉི་མ་ཞིག་ལ། ཁོ་ཚོར་དེ་ལྟར་སྒྲུབ་མི་རུང་བ་ཤེས་སུ་འཇུག་ངེས་ལ། ཁོ་ཚོར་ཉིང་རྡུལ་མཚོན་ཆ་ཡོད་མི་རུང་ཟེར།
ཉེ་ལམ། དབྱི་ལིང་དུ་ཟིང་ཆ་བྱུང་ནས་མང་ཚོགས་དང་ཁྲིམས་བསྟར་མི་སྣ་ལ་ཤི་རྨས་ཐེབས། བསྟུད་མར་ཉིན་འགའི་ནང་དུ། ཐི་ལིང་ཕུའུ་ཡིས་འཇིགས་སྐུལ་ནས། དམག་དོན་ཐེ་གཏོགས་བྱས་ཏེ་དབྱི་ལིང་གི་རྣམ་པ་བསྒྱུར་དགོས་ཟེར། དབྱིང་ལང་གི་སྲིད་འཛིན་ཕེ་ཙི་ཞི་ཆི་དབྱང་གིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། དབྱི་ལིང་གི་ཉེ་དུས་ཀྱི་ཟིང་ཆའི་དོན་རྐྱེན་དེ་ནི་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་ལྐོག་ཇུས་རབ་དང་རིམ་པའི་རྒྱུན་བསྲིངས་པ་ཞིག་རེད་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།