ཨུ་རུ་སི་དང་ཨ་མེ་རི་ཁ། ཝུའུ་ཁི་ལན་བཅས་ཀྱི་ཕྱོགས་གསུམ་གྲོས་མོལ་ཐོག་མ་མཇུག་སྒྲིལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སི་དང་ཨ་མེ་རི་ཁ། ཝུའུ་ཁི་ལན་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མིས་གྲུབ་པའི་བདེ་འཇགས་གནད་དོན་བྱ་བའི་ཚན་ཆུང་གི་ཕྱོགས་གསུམ་གྲོས་མོལ་ཐོག་མ་ཚེས24ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་མཇུག་སྒྲིལ།

མིག་སྔར་ཕྱོགས་སོ་སོས་གྲོས་མོམ་གྲུབ་འབྲས་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་བའམ་བྱེ་བྲག་གི་ཐུན་མོང་ལྟ་ཚུལ་བཀོད་པ་ཁྱབ་བསྒྲགས་བྱས་མེད།

ཐེངས་འདིའི་གྲོས་མོལ་ནི་ཚེས23ཉིན་གྱི་དགོང་མོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་ཚོགས་མགོ་བརྩམས་པ་དང་། དེ་ནི2022ལོའི་ཟླ2པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་ཚུན་ལ། ཨུ་རུ་སི་དང་ཨ་མེ་རི་ཁ། ཝུའུ་ཁི་ལན་བཅས་ཀྱི་ཕྱོགས་གསུམ་གྲོས་མོལ་ཐོག་མ་རེད། རྒྱུས་ལོན་པ་ལྟར་ན། གྲོས་མོལ་དེ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྐུལ་འདེད་འོག་སྤེལ་བ་ཡིན་ལ། དམིགས་ཡུལ་ནི་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྲོས་མོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཐབས་ལམ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་ཆེད་རེད། ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་རྒྱུར། གྲོས་མོལ་སྐབས་སུ་ཨུ་རུ་སི་ཡིས་ཅི་ཧྥུའུ་དང་བཅས་པའི་ས་ཁུལ་མང་བོར་མི་མེད་གནམ་གྲུ་དང་འཕུར་མདའི་འཇབ་རྒོལ་བྱས་ཏེ། མི་སྣར་ཤི་རྨས་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།