ཨ་ཧྥུའུ་ཧན་དུ་ཁ་བ་ཆེན་པོ་བབས་ནས་མི61རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་ཧྥུའུ་ཧན་གྱི་རྒྱལ་ཁབ་གནོད་འཚེ་དོ་དམ་སྡེ་ཁག་གིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། ཚེས21ཉིན་ནས་ཚེས22ཉིན་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁ་བ་ཆེན་པོ་འབབས་པའི་ནམ་ཟླ་བྱུང་བ་ལས་ཉུང་མཐར་ཡང་མི61རྐྱེན་ལམ་དུ་ཤོར་བ་དང་། མི110ལ་རྨས་ཕོག་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐལ་དྲགས་པའི་ནམ་ཟླ་ལས་ད་རུང་སྡོད་ཁང458ལ་གཏོར་བརླག་ཐེབས་པ་དང་། བྱ་བའི་ཚན་ཆུང་གིས་ས་ཁུལ་སོ་སོའི་གྱོང་གུད་ལ་དཔྱད་འཇོག་བྱེད་བཞིན་ཡོད་ཟེར།

ཉེ་སྔོན་ཨ་ཧྥུའུ་ཧན་གྱི་ས་ཁུལ་མང་ཆེ་བར་འཁྱག་གྲང་ཆེ་བ་དང་ཁ་བ་ཆེན་པོ་འབབས་པའི་ནམ་ཟླ་བྱུང་། རྒྱལ་ས་ཁཱ་པོར་དང་ཞིང་ཆེན་མང་བོའི་བར་གྱི་འགྲིམ་འགྲུལ་ལམ་ཐིག་གཙོ་བོར་གནོད་པ་ཐེབས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།