དགུན་གྱི་དྲག་རླུང་གི་འཇིགས་པ་ཐེབས་ནས་ཨ་མེ་རི་ཁའི་མངའ་སྡེ22ཀྱིས་དོགས་ཟོན་མཐོར་འདེགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་བསྒྲགས་པ་ལྟར་ན། ཏི་ཁི་སཱ་སི་མངའ་སྡེ་དང་ཁན་སཱ་སི་མངའ་སྡེ་སོགས་ཨ་མེ་རི་ཁའི་དབུས་ཕྱོགས་ཀྱི་ས་ཁུལ་མང་བོར་གཞི་རྒྱ་ཆེ་བའི་དགུན་ཁའི་དྲག་རླུང་གི་འཇིགས་པ་ཐེབས་པ་དང་། བསྟུད་མར་བྱང་ཤར་ཕྱོགས་སུ་བགྲོད་བཞིན་ཡོད། ནམ་ཟླ་དེ་ལས་ས་ཁོངས་མང་བོར་ཁ་བ་བབས་པ་དང་དྲོད་ཚད་ཇེ་དམའ་རུ་འགྲོ་བའི་གནས་ཚུལ་བྱུང་། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་རྒྱལ་ཡོངས་ཀྱི་མངའ་སྡེ22ཀྱིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། གནམ་གྲུ་གཏོང་ཐེངས་ཁྲི་གཅིག་དང་སྟོང་གསུམ་ལྷག་གཏོང་མཚམས་བཞག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།