
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས3ཉིན་བཤད་རྒྱུར། ཁོས་ཉིན་དེར་ཁོ་ལོམ་པུ་ཡཱའི་སྲིད་འཛིན་ཕའེ་ཐི་ལོ་དང་མཉམ་དུ་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱས་པ་ཧ་ཅང་བཟང་ལ། ཕྱོགས་གཉིས་ཀྱིས་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེའི་དགོང་མོར་ཕོ་བྲང་དཀར་པོ་ནས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་དངུལ་གཏོང་སྐོར་ཞིག་མཚམས་འཇོག་པའི་འཆར་ཟིན་བཀོད་རྗེས་བསྟན་དོན། ཁོ་དང་ཕའེ་ཐི་ལོ་ཡིས་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད། དེའི་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། ཞོར་དུ་ཁོ་ལོམ་པུ་ཡཱའི་བཀག་སྡོམ་སོགས་འདུས་པའི་གྲོས་གཞི་གཞན་པ་རེ་འགའ་ཡང་ཐག་གཅོད་བྱེད་བཞིན་ཡོད་ཟེར། ཐི་ལིང་ཕུའུ་ཡིས་དོན་དེའི་ཐད་ནས་བྱེ་བྲག་གི་གསལ་བཤད་བྱས་མེད།
ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། ཁོས་ཕའེ་ཐི་ལོ་དང་གྲོས་མོལ་བྱས་པ་ཧ་ཅང་བཟང་བ་དང་། ཁོ་དང་ངེད་གཉིས་སྔོན་ཆད་ཆེས་བཟང་བའི་གྲོགས་པོར་བརྩི་ཐབས་མེད་ཀྱང་། དེར་སྐྱོན་ཆེན་པོ་མེད་པར་བསམ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།