
ཨ་མེ་རི་ཁའི་ཡོ་རོབ་གླིང་དམག་སྤྱི་ཁང་གིས་ཚེས5ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཉིན་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་གྲོས་མཐུན་བཀོད་དེ། མཐོ་རིམ་དམག་དོན་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་འབྲེལ་འདྲིས་དེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་མ་གྱུར་གོང་གི2021ལོའི་སྟོན་ཁར་མཚམས་བཞག་པ་ཡིན་ལ། ཉེ་སྔོན་ཨ་པུའུ་ཀྲ་པུས་ནས་སྤེལ་བའི་ཕྱོགས་གསུམ་གྲོས་མོལ་སྐབས་སུ། ཨ་མེ་རི་ཁའི་ཡོ་རོབ་གླིང་དམག་སྤྱི་ཁང་གི་དམག་སྤྱི་ཀི་ལིན་ཁི་ཝེ་ཆི་དང་ཨུ་རུ་སིའི་མཐོ་རིམ་དམག་དོན་དཔོན་པོས་གྲོས་བསྡུར་བྱས་ཏེ། དམག་དོན་གྲོས་མོལ་དེ་སླར་གསོ་བྱེད་རྒྱུ་ཐག་བཅད་པ་རེད།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དམག་དོན་གྲོས་མོལ་སླར་གསོ་བྱས་ན་གསལ་ཚད་ཇེ་དྲག་ཏུ་གཏོང་བ་དང་ཛ་དྲག་གི་གནས་བབ་ཇེ་དམའ་རུ་གཏོང་བར་ཐབས་ལམ་འདོན་སྤྲོད་བྱས་ཡོད་ཟེར།
ཀི་ལིན་ཁི་ཝེ་ཆི་ཡིས་ད་རུང་བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཡིན་པའི་ཆ་ནས། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཀི་ལཱ་ཞི་མའོ་ཧྥུའུ་བར་གྱི་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།